གསོལ་འདེབས་སྤྲིན་གྱི་སྒྲ་དབྱངས།

གསོལ་འདེབས་སྤྲིན་གྱི་སྒྲ་དབྱངས།_第1张图片
图片发自App


ཆོས་རྗེ་གཙུག་ཏུ་སྙེན་པའི་དམ་པའི་མགོན།   །

ཡིད་བཞིན་སྟོང་གི་ནུས་པ་ཀུན་ལྷག་པའི།   །

ནོར་མཆོག་བྱང་སེམས་རྫོགས་པའི་སངས་རྒྱས་དེས།   །

བུ་སློབ་བདག་ལ་ཤེས་རབ་མཆོག་སྩོལ་ཅིག   །

https://olz45dv1h.qnssl.com/g_attachments/article/6885/17426885/aaccd8154ac64eeda9bc898521f9a521sml.jpg

དུས་མཐར་སྲིད་པའི་སྙིགས་མ་བདོ་དུས་འདིར།   །

གཞན་དོན་རྫོགས་པའི་སྙིང་བཅུད་འཆང་བའི་དཔལ།   །

མི་འཇིགས་སང་གེས་ང་རོ་རབ་སྒྲོགས་པ།   །

ཕྱོགས་མཐར་འཕྲིལ་ལས་རྒྱས་ལ་ཕྱག་འཚལ་ལོ།   །

https://olz45dv1h.qnssl.com/g_attachments/article/6885/17426885/44afc0f588fe400581ad07b4c369889dsml.jpg

དྭངས་བའི་མཁའ་ལ་འཇའ་སྤྲིན་འཁྲིགས་འདྲའི་འོད་གསལ་གདོད་མའི་གཞི་ཀླུང་ནས།   །

བལྟས་པས་མི་ངོམས་གཟུགས་སྐུའི་བཀོད་པ་མཐོང་གྲོལ་ཡིད་ཀྱི་ལྷ་མཆོག་དེ།།

འགྱུར་མེད་རྟག་བརྟན་དད་པའི་པད་མོར་མཆོག་རྩོལ་དགེ་བའི་རྣམ་རོལ་བ།།

རྒྱལ་བའི་ས་མཆོག་སྐུ་གཉིས་ལྷུན་གྲུབ་ཆོས་རྗེ་བླ་མ་རྟག་ཏུ་བསྙེན།།

https://olz45dv1h.qnssl.com/g_attachments/article/6885/17426885/9f94a334fc244319aa7be5b3ddf82c0csml.jpg

ཞེས་བོད་ཟླ་དང་པོའི་ཚེ་གསུམ་སྟེ་བླ་མ་ཡིད་བཞིན་ནོར་བུའི་འཁྲུངས་སྐར་ལ་དྭ་མིང་གངས་རྩེ་རུ་འབོད་པས་བྲིས་པ་དགེ།

གསོལ་འདེབས་སྤྲིན་གྱི་སྒྲ་དབྱངས།_第2张图片
图片发自App

你可能感兴趣的:(གསོལ་འདེབས་སྤྲིན་གྱི་སྒྲ་དབྱངས།)