2017-12-13

图片发自App

      ཞྭ་དཀར་ཤེར་སེང་གི་སྐྱེས་སྐར་དུ།

ཆུང་དུས་ངུ་རོགས་དང་དགོད་རོགས་མིན་ཀྱང་། །

ཆེ་དུས་དགའ་རོགས་དང་སྐྱིད་རོགས་བཀོས་པའི། །

ལས་ཀྱི་གྲོགས་པོ་ཁྱོའི་སྐྱེས་སྐར་བསུ་བར། །

དུང་བརྗོད་སྙན་ངག་ཅིག་བྲིས་ན་ཆོག་མོད། །

སྨོན་པའི་སྐད་འབོད་ཅིག་འབྲི་བར་སྤྲོ་སོང་། །

མྱི་ཚེའི་ལམ་ཁ་ན་འོད་ཅིག་དགོས་པས། །

ཡ་ཐོད་དཔྲ་མཚམས་ཀྱི་རི་མོའི་སྲུབ་ནས། །

གནས་ལྔའི་ཉི་གཞོན་ཞིག་འཛུམ་པར་རེ་ཡོད། །

འཛུམ་པའི་ཉི་མ་ལ་འོད་ཅིག་སྨོན་ཡོད། །

སྨོན་པའི་ཕྱག་རྒྱ་དེ་ཤུགས་ཀྱིས་བཅས་པས། །

འོད་སྟོང་ཁྲི་མ་འབུམ་བཀྱེ་བར་ཤོག་ཅིག །

ཁ་མིན་སེམས་གཏིང་ནས་བླངས་པའི་སྙན་ངག །

དམངས་སྒོར་ཁྲི་སྟོང་གི་ཚབ་མཚོན་མི་ནུས། །

                    དགེ་རྩེ་ཀུན་ཁྱབ་པས།

你可能感兴趣的:(2017-12-13)