无常修法

འཆི་བ་མི་རྟག་པ་སྒོམ་ཚུལ། 无常修法

རྒྱལ་སྲས་ལག་ལེན་ལས། 《佛子行》中:

ཡུན་རིང་འགྲོགས་པའི་མཛའ་བཤེས་སོ་སོར་འབྲལ།།

འབད་པས་བསྒྲུབས་པའི་ནོར་རྫས་ཤུལ་དུ་ལུས།།

ལུས་ཀྱི་མགྲོན་ཁང་རྣམ་ཤེས་མགྲོན་པོས་བོར།།

ཚེ་འདི་བློ་བཏང་རྒྱལ་སྲས་ལག་ལེན་ཡིན།།

长伴亲友各分离,嘞积之财留后世,

识客终离身客店,舍弃今世佛子行。

ཞེས་གསུངས་པས་ཚེ་འདི་ལ་བློ་བཏང་བའམ་འཆི་བ་མི་རྟག་བསྒོམ་པ་ནི་སངས་རྒྱས་རྒྱལ་སྲས་རྣམ་གྱི་ལག་ལེན་ཡིན་པས་དེ་བསྒོམ་ཚུལ་ལ་མི་འདྲ་བ་མང་ཡང་སྐབས་འདིར་རྩ་བ་གསུམ། རྒྱུ་མཚན་དགུ། ཐག་གཅད་པ་གསུམ་གྱི་སྒོ་ནས་བསྒོམ་པ་ལ།

上面所说的舍弃今世与修无常是佛与佛子必行的修法。这种修法有很多种,今天在这里我们要记住三个根本、九个理由、三个决定来修无常。

རྩ་བ་གསུམ་ནི། 三个根本

ངེས་པར་འཆི་བ། ནམ་འཆི་ཆ་མེད། འཆི་ཚེ་ཆོས་མིན་ཅིས་ཀྱང་མི་ཕན་པ་བོསམ་པའོ།།

要观:我们必然会死,而且死缘无定,当死时唯独佛法才有利益。

རྒྱུ་མཚན་དགུ་ནི། 九个理由

དང་པོ་ངེས་པར་འཆི་བ་ཡིན་པའི་རྒྱུ་མཚན་གསུམ། སྔར་མ་ཤི་ནས་ལུས་པ་མེད་པ། ལུས་འདུས་བྱས་ཡིན་པ། ཚེ་སྐད་ཅིག་གིས་འཛད་པའོ།།

首先我们必然会死的讲解三个理由:没有剩下以前不死的,身体是集合、生命每刻都在接近死亡。

གཉིས་པ་ནམ་འཆི་ཆ་མེད་ཀྱི་རྒྱུ་མཚན་གསུམ། ཚེ་ལ་ངེས་པ་མེད་པ། ལུས་ལ་སྙིང་པོ་མེད་པ། འཆི་བའི་རྐྱེན་མང་བའོ།།

第二死缘无定的讲解三个理由:生命无常,身体无常、死缘之多。

གསུམ་པ་ཆོས་མིན་ཕན་པ་མེད་པའི་རྒྱུ་མཚན་གསུམ། གཉེན་བཤེས་ཀྱིས་མི་ཕན། ཟས་དང་ནོར་གྱིས་མི་ཕན། རང་གི་ལུས་ཀྱིས་ཀྱང་མི་ཕན་པ་སྟེ་རྒྱུ་མཚན་གསུམ་གསུམ་དགུ་འདིས་ངེས་པར་འཆི་བ་སོགས་གྲུབ་བོ།།

第三唯独佛法帮助我们的讲讲解三个理由:亲友不能帮助我们,食物也没有用,连自己身体也帮不了我们。刚讲完的三三九个理由就能明白死缘无定等。

ཐག་གཅད་པ་གསུམ་ནི། 三个决定

ངེས་པར་འཆི་བས་འཆི་ཁར་ཕན་ངེས་ཀྱི་ཆོས་བསྒྲུབ་དགོས་པར་ཐག་བཅད། ནམ་འཆི་ཆ་མེད་པས་ཆོས་ད་ལྟ་ནས་བསྒྲུབ་དགོས་པར་ཐག་བཅད། ཆོས་མིན་ཅིས་ཀྱང་མི་ཕན་པས་ཆོས་ཁོ་ན་བསྒྲུབ་དགོས་པར་ཐག་བཅད་པའོ།།

因为必然会死,当死亡来临时唯独佛法才能帮助我们,所以决定修佛法。因为死缘无定,所以决定现在开始修佛法。唯独佛法才能帮助我们,所以只决定行修佛法。

图片发自App

你可能感兴趣的:(无常修法)